ལས་ཀ་བྱ་ཡུལ་གྱི་ཁོར་ཡུག་ནང་གི་གནས་བབ་ཐོག་ལ་དོ་སྣང་སྐྲུན་ཐབས།
2024.10.10
༢༠༢༤ ལོའི་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་གྱི་ཉིན་མོར་རང་རང་གི་ལས་ཀ་བྱེད་སའི་ཁོར་ཡུག་ཁྲོད་ཀྱི་སེམས་ཁམས་འཕྲོད་བསྟེན་ལ་དོ་སྣང་བྱེད་རྒྱུའི་དུས་ལ་བབས་པ་ཞེས་ལས་ཀ་བྱ་ཡུལ་གྱི་ཁོར་ཡུག་ནང་གི་གནས་བབ་ཐོག་ལ་དོ་སྣང་སྐྲུན་ཐབས་གནང་ཡོད་པ་རེད། དེ་རིང་གི་དམིགས་བསལ་བཀའ་འདྲིའི་ལེ་ཚན་ནང་། ཨ་རིའི་མི་ནེ་སོ་ཊ་མངའ་ཁུལ་དུ་གནས་བཞུགས་སེམས་ཁམས་རིག་པ་བ་འབུམ་རམས་པ་ཀུན་དགའ་ནོར་འཛོམས་ལགས་སུ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་སེམས་ཁམས་འཕྲོད་བསྟེན་བྱེད་ཕྱོགས་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་འདྲི་ཞུས་པའི་ལས་རིམ་དེ་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།