དངུལ་སྤྲད་ཟིན་ཡང་མཐོ་སློབ་ཏུ་ཚུད་མེད།
2017.05.03
༄༅། །དེ་རིང་གི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་། སྔ་ལོ་རྒྱ་གར་དུ་བོད་པའི་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་བོད་པའི་སློབ་ཕྲུག་བདུན་ལ་རྒྱ་གར་གྱི་སྦེང་ལོར་གྲོང་ཁྱེར་ནང་མཐོ་སློབ་ཏུ་ཞུགས་རྒྱུའི་ཆེད་རྒྱ་གར་སྒོར་འབུམ་༤༠་དང་སྟོང་ཕྲག་༢༥་བླངས་ཀྱང་།མཐོ་སློབ་ཏུ་ཚུད་མེད་པའི་དོན་རྐྱེན་སྐོར་དང་། འབྲེལ་ཡོད་ཁག་གིས་དཀའ་ངལ་དེ་སེལ་ཐབས་སུ་ཐབས་ཤེས་གང་འཚོལ་ཡོད་པ། དེ་བཞིན་འབྱུང་འགྱུར་གནས་སྟངས་དེ་རིགས་མི་ཡོང་བའི་གཟབ་ནན་གནང་དགོས་པ་སོགས་ཀྱི་སྐོར་འབྲེལ་ཡོད་ཁག་ཅིག་དང་གླེང་མོལ་ཞུས་པ་གསན་རོགས་གནང་།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ།