ཨ་སན་སོལ་དུ་དགུན་ཚོང་ཆེ་ཕེབས་རྒྱུ་མིན་པའི་ཐག་གཅོད།

བོད་མིའི་ཁྲོམ་ར་རྒྱ་གར་ལ་ཤོར་བའི་ཉེན་ཁ་མཐོང་ནས་ཚོང་པ་ཁག་ཅིག་ཁྲོམ་སའི་ཆེད་དགུན་ཚོང་ལ་ཕེབས་དགོས་བྱུང་འདུག
བོད་མིའི་ཁྲོམ་ར་རྒྱ་གར་ལ་ཤོར་བའི་ཉེན་ཁ་མཐོང་ནས་ཚོང་པ་ཁག་ཅིག་ཁྲོམ་སའི་ཆེད་དགུན་ཚོང་ལ་ཕེབས་དགོས་བྱུང་འདུག (ཨ་སན་སོལ་པོ་ཏཱ་ལ་བོད་མིའི་ཁྲོམ་རྭ།)

0:00 / 0:00

༄༅།།བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། རྒྱ་གར་གྱི་ནུབ་འབེང་གྷོལ་མངའ་སྡེའི་གྲོང་ཁྱེར་ཨ་སན་སོལ་ནང་དགུན་ཚོང་གཉེར་མཁན་བོད་མི་རྣམས་འདི་ལོ་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་ཉེན་ཡོལ་ཆེད་དགུན་ཚོང་ལ་ཕེབས་རྒྱུ་མིན་པའི་ཐག་ཆོད་གནང་ཡང་བོད་མིའི་ཁྲོམ་ར་རྒྱ་གར་ལ་ཤོར་བའི་ཉེན་ཁ་མཐོང་ནས་ཚོང་པ་ཁག་ཅིག་ཁྲོམ་སའི་ཆེད་དགུན་ཚོང་ལ་ཕེབས་དགོས་བྱུང་འདུག་པ་འདི་ཐད་ ཨ་སན་སོལ་པོ་ཏྭ་ལ་བོད་མིའི་ཁྲོམ་རའི་འཐུས་མི་ཚེ་རིང་ཟླ་བ་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིགས་ཞུས་པ་ཞིག་གསན་རོགས་གནང་།།

གསར་འགོད་པ་ཚེ་དབང་དངོས་གྲུབ།