སུད་སིའི་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་འབོད་སྐུལ།
2020.02.19

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཞེས་པའི་བརྗོད་གཞིའི་འོག་ Geneva Summit ཞེས་གཞུང་འབྲེལ་མིན་པའི་ཚོགས་པས་ ༢༥ ཡིས་གོ་བསྒྲིགས་ཞུས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་ཐེངས་ ༡༢ པ་དེ་སུད་སི་ནང་དབུ་འཛུགས་གནང་པ་དང་ལྷན་ཚོགས་དེར་སུད་སིའི་བོད་ཀྱི་བེུད་ཚོགས་པས་མཉམ་ཞུགས་གནང་སྟེ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་དབུས་བོད་ཀྱི་ཆབ་སྲིད་བཙོན་པ་མི་གྲངས་ལྔའི་ལོ་རྒྱུས་འགོད་འབུལ་གནང་སྟེ་གློད་གྲོལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
འདིའི་སྐོར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་སུད་སི་ནས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།