བོད་བརྒྱུད་ནང་བསྟན་ཉམས་ལེན་པ་དགོངས་པ་རྫོགས་རྗེས་ཐུགས་དམ་བཞུགས་སྲོལ་ཡོད་པ།

2023.04.18
བོད་བརྒྱུད་ནང་བསྟན་ཉམས་ལེན་པ་དགོངས་པ་རྫོགས་རྗེས་ཐུགས་དམ་བཞུགས་སྲོལ་ཡོད་པ།
བཟོད་པ་རིན་པོ་ཆེའི་ཆོས་ཚོགས།

བོད་བརྒྱུད་ནང་བསྟན་ཉམས་ལེན་པའི་སྤྱི་ཚོགས་ཁྲོད་ཆོས་བྱེད་མི་སྣ་དང་། ལུང་རྟོགས་ཀྱི་བསྟན་པར་ཉམས་ལེན་ཚད་མཐོར་སོན་པ་བླ་སྤྲུལ་དགེ་བཤེས་དང་རྣལ་འབྱོར་པ་དགོངས་པ་རྫོགས་པའི་གནས་སྐབས་ཐུགས་དམ་བཞུགས་སྲོལ་ཡོད་པ་འདིར་ཚན་རིག་གི་ཕྱི་དངོས་པོའི་ཉམས་ཞིབ་ཀྱི་བརྒྱུད་རིམ་ཐོག་ནས་ཨ་རི་དང་སོག་ཡུལ་གྱི་ཚན་རིག་པས་འདིར་གྲུབ་དོན་བཙལ་འཚོལ་བྱེད་བཞིན་ཡོད་ཅིང་། ཚན་རིག་པ་གྲགས་ཅན་མང་པོས་མུ་མཐུད་རྟག་དཔྱད་གནང་གཞིར་གྱུར་ཡོད་པ་རེད།  ད་རེས་ཀྱི་གནད་དོན་གླེང་མོལ་གྱི་ལས་རིམ་འདིའི་ནང་།  ཐུགས་དམ་ཉམས་ཞིབ་ཀྱི་བརྒྱུད་རིམ་ནང་འབྲེལ་མཐུད་ཕྱག་རོགས་གནང་མྱོང་བ་སེར་བྱེས་དགེ་བཤེས་ངག་དབང་ནོར་བུ་ལགས་སུ་བཀའ་དྲི་ཞུས་དུས།  མ་འོངས་ལོ་ངོ་བཅུ་ཕྲག་འགའི་རྗེས་ཐུགས་དམ་དུ་བཞུགས་པའི་གནས་སྐབས་སུ་འཆི་མེད་པ་ངོས་འཛིན་ཡོང་རྒྱུའི་རེ་བ་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།  གཤམ་ལ་ཁོང་དང་ལྷན་ཐུགས་དམ་བརྟག་དཔྱད་ཀྱི་མཐོང་ཐོས་མྱོང་བ་ཇི་བྱུང་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎