བཙུན་དགོན་སྒྲོལ་མ་གླིང་གི་ཉེར་མཁོའི་ཆེད་རོགས་དངུས་བསྡུ་རུབ་གནང་ཐུབ་པ།
༄༅།།དེ་རིང་གི་གསར་འགྱུར་གྱི་ལེ་ཚན་ནང་བོད་ཀྱི་བཙུན་མའི་ལས་འཆར་གྱི་ཐོག་ནས་ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་རྣམ་པར་དགོས་ངེས་ཆེ་བའི་དེང་དུས་ཀྱི་གསོལ་ཐབ་ཀྱི་མཁོ་ཆས་ཁག་མཁོ་སྒྲུབ་ཀྱི་ཆེད་དུ་རོགས་དངུལ་བསྡུ་རུབ་གནང་ཐུབ་པ་བྱུང་ཡོད་པ་དང།དེའི་ཐོག་ནས་བཙུན་མ་རྣམ་པར་ཞལ་ལག་བཟོ་བར་སྟབས་བདེ་བ་དང་དཀའ་ངལ་ཆུང་རུ་སོང་བ་དང།འཕྲོད་རྟེན་ལ་ཕན་པ་དང།དེའི་རྐྱེན་པས་དུས་ཚོད་ལྷག་མ་མང་བ་ཐོབ་པ་དེ་ནང་ཆོས་དང་རིག་གནས་སློབ་གཉེར་ཆེད་དུ་གཏོང་བར་ཕན་ཐོགས་བྱུང་ཡོད་པའི་སྐོར་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་དང།བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་སྣང་ས་ཆོས་སྒྲོན་ལགས་སུ་བཅའ་འདྲི་ཞུས་ཏེ་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།