བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་དཀའ་ངལ།
འཛམ་གླིང་ཁྱོན་དང་ལྷག་པར་དུ་རྒྱ་གར་རྒྱལ་ཡོངས་སུ་ཀོ་ཝི་ཊི་༡༩ ཏོག་དབྱིབས་རིམས་ནད་ཀྱི་ཚ་རླབས་གཉིས་པ་དེ་འཕྱུར་བཞིན་པའི་སྐབས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གློ་བུར་དུ་ནད་དུག་ཁྱབ་གདལ་ཤུགས་ཆེན་པོ་བྱུང་སྟེ། མི་རྒྱུ་ཟོག་གསུམ་ལ་གོད་ཆག་ཆེན་པོ་ཞིག་ཐེབས་ཡོད་པ་ལྟར། ལྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་ཏུ་རིམས་ནད་ཛ་དྲག་ཧ་ཅང་ཆེ་བའི་སྐབས་སུ་ནད་པ་འཇོག་ས་དང་། སྲོག་རླུང་ཡོ་ཆས་སོགས་མ་རག་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་པའི་སྐབས་བདེ་སྐྱིད་གླིང་གཙོས་ས་གནས་འཕྲོད་ལས་པ་རྣམས་ནས་ནད་པའི་ཚེ་སྲོག་སྐྱོབས་ཐུབ་ཆེད་ནམ་ཉིན་ལྟོས་མེད་ཀྱིས་ཞབས་ཕྱི་ཞུས་གནང་ཡོད་པ་དང་། ལྷག་པར་དུ་སྨན་ཞབས་པ་ཁག་ཅིག་གིས་མ་མཐའ་ལའང་ནད་པ་གཅིག་གི་ཚེ་སྲོག་སྐྱོབས་ཐུབ་ན་བསམས་ནས་སྲོག་རླུང་ཡོ་ཆས་སོགས་ཛ་དྲག་ནད་པའི་དགོས་མཁོའི་ཡོ་ཆས་ཉོ་སྤྱད་སོ་སོ་སྒེར་ངོས་ནས་དངུལ་སྒོར་ཡོད་ཚད་གཏོང་རྒྱུའི་སེམས་ཐག་གཅོད་མཁན་ཡང་བྱུང་ཡོད་འདུག །དེའི་ཐད་བདེ་སྐྱིད་གླིང་ས་གནས་འཕྲོད་བསྟེན་སྨན་ཞབས་རིག་འཛིན་དབང་མོ་ལགས་ནས་གསུངས་པ་སོགས་ཀྱིས་སྐོར་འདི་གའི་གསར་འགོད་པ་བློ་བཟང་ལགས་ཀྱིས་གནས་ཚུལ་ཕྱོགས་བསྡུད་ཞུས་པར་གསན་རོགས།།
གསར་འགོད་པ་བློ་བཟང་།