བོད་མི་ཚོང་ལས་བདེ་ཚོགས་ཀྱི་ངོ་སྤྲོད་དང་མ་འོངས་ལས་འཆར་སྐོར་གྲོས་བསྡུར་གནང་ཡོད་པ།
2022.10.18

བོད་མི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་ལྡི་ལི་ས་གནས་བོད་མི་ཚོང་གཉེར་བ་རྣམས་དང་མཇལ་འཕྲད་གནང་སྟེ། བོད་མི་ཚོང་ལས་བདེ་ཚོགས་ཀྱི་ངོ་སྤྲོད་དང་། མ་འོངས་པའི་ལས་འཆར་དེ་བཞིན་ཚོང་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཨ་རིར་ཆེད་ཕེབས་གནང་ཕྱོགས་སོགས་ཀྱི་ཐད་ལྷན་འཛོམས་གནང་ཡོད་པའི་སྐོར། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བཀྲིས་དབང་འདུས་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག