གོ་ལ་འདི་ང་ཚོས་ལུས་པོས་འཇལ་པ།
བལ་ཡུལ་ནང་སྐྱེས་ཚར་བྱུང་བ་ཁེ་ན་ཌའི་མི་སེར་ཡིན་པའི་བོད་པའི་བེུད་རྟོགས་སྒྲུང་རྩོམ་བྲིས་པ་ཚེ་རིང་དབྱངས་འཛོམས་བླ་མ་ལགས་ཀྱིས་ཁོང་གི་མི་ཚེའི་ནང་གི་འགྲུལ་བཞུད་དེ་བོད་ཀྱི་ས་མཚམས་སུ་བསྐྱོད་པའི་སྐབས་ཀྱི་མྱོང་ཚོར་ལོ་རྒྱུས་ལས་ཁྲོད་དེ་དཔེ་དེབ་རྩོམ་སྒྲིག་གནང་པ་ གོ་ལ་འདི་ང་ཚོས་ལུས་པོས་འཇལ་པ་ཞེས་པ་དེར་ཨ་རི་དང་ཁེ་ན་ཌ་སོགས་སུ་དཔེ་དེབ་ཀྱི་བྱ་དགའི་འདེམས་སྒྲུག་གི་ཐོ་གཞུང་མཐའ་མ་མང་པོའི་ནང་ཚུད་ཡོད་ཅིང་། དཔེ་དེབ་ཀློག་མཁན་མང་པོ་ཞིག་གིས་ཁོང་གི་རྟོགས་སྒྲུང་དེའི་བརྒྱུད་ནས་བོད་མིའི་ཉིན་རེའི་འཚོ་བ་སོགས་ཀྱི་ཐད་ཤེས་རྟོགས་བྱུང་པ་བརྗོད་མཁན་མང་པོ་བྱུང་ཞེས་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཚེ་རིང་དབྱངས་འཛོམས་བླ་མ་ལགས་སུ་འདི་གའི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།