0:00 / 0:00
ཐེངས་འདིའི ༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། བོད་སིལ་བུར་འཐོར་ནས་གཅིག་གྱུར་གྱི་འཛིན་སྐྱོང་མེད་པའི་གནས་སྟངས་ཆགས་ནས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་། ཡངས་ཤིང་རྒྱ་ཆེ་བའི་བོད་མདོ་དབུས་ཁམས་གསུམ་དུ་ཡུལ་སྲོལ་རིག་གནས་ཁ་ཤས་ཤིག་ཅུང་མི་གཅིག་པའི་ཕྱོགས་སུ་འཕེལ་ནས། དཔེར་ན་རྩིས་ལུགས་གཅིག་ཀྱང་རྩིས་སྟངས་མི་གཅིག་པར་གྱུར་སྟབས་བོད་ཀྱི་ལོ་གསར་དེ་ཉིན་གཅིག་དུས་གཅིག་ལ་ཁེལ་གྱིན་མེད་པ་དང་། དེ་བཞིན་དུ་དུས་ཆེན་གཞན་དག་ཀྱང་དེ་ལྟར་ཆགས་ཡོད། འོ་ན་རྩིས་སྟངས་གཅིག་གྱུར་བྱེད་དགོས་ན་ཇི་ལྟར་བྱེད། ལོ་གསར་གཅིག་གྱུར་བྱེད་དགོས་ན་ཇི་ལྟར་བྱེད། རྩིས་སྟངས་གཅིག་གྱུར་བྱས་པའི་དགེ་བ་དང་མ་བྱས་པའི་སྐྱོན་ཆ་ལ་སོགས་པའི་ཐད་སྐར་རྩིས་ཆེད་མཁས་པ་མཁན་པོ་རིག་པའི་རྡོ་རྗེ་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་བྱས་པར་གསན་རོགས་གནོངས།