འཛམ་གླིང་ཤེས་ཡོན་གྱི་བསྟི་གནས་མང་པོས་བོད་མིའི་སློབ་གསོའི་རིག་པར་ཐུགས་སྣང་ཆེན་པོ་བྱེད་ཀྱི་ཡོད།

2023.12.09
འཛམ་གླིང་ཤེས་ཡོན་གྱི་བསྟི་གནས་མང་པོས་བོད་མིའི་སློབ་གསོའི་རིག་པར་ཐུགས་སྣང་ཆེན་པོ་བྱེད་ཀྱི་ཡོད།
སྒྲིག་བཟོ།

བོད་ཀྱི་ནང་ཆོས་ལ་བརྟེན་ནས་འཛམ་གླིང་ཤེས་ཡོན་གྱི་བསྟི་གནས་མང་པོས་བོད་མིའི་སློབ་གསོའི་རིག་པར་ཐུགས་སྣང་ཆེན་པོ་བྱེད་པའི་དུས་ཚོད་ཅིག་ཡིན་པ་དང་།  བོད་མིའི་ཆོས་དང་རིག་གཞུང་དང་འབྲེལ་བའི་ཤེས་ཡོན་གྱི་ལམ་ལུགས་ལ་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོས་དོ་སྣང་བྱེད་ཀྱི་ཡོད་ལ།  ཨའོསི་ཊརེ་ལི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ནས་ཀྱང་བརྗེ་ལེན་གྱི་ལས་རིམ་བརྒྱུད་ནས་ཕན་ཚུན་སློབ་སྐྱེད་སྤེལ་ཐབས་བྱེད་བཞིན་ཡོད་པ་རེད།  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་དང་། ཨའོསི་ཊརེ་ལི་ཡ་ཊསིམེནིཡ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་བསོད་ནམས་ཐག་ཆོད་ལགས་དང་ལྷན་འདི་གའི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎