བོད་ཀྱི་གཏམ་བརྗོད་ཚན་པས་བཙན་འབྱོལ་བོད་པའི་སྤྱི་ཚོགས་ནང་གི་དཀའ་ངལ་ཁག་འཁྲབ་སྟོན་སྐོར་སྐྱོད་ཀྱི་ལམ་ནས་གསལ་སྟོན་གནང་བཞིན་འདུག
2024.06.17
གཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་གཏམ་བརྗོད་ཚན་པས་བཙན་འབྱོལ་བོད་པའི་སྤྱི་ཚོགས་ནང་འཕྲད་བཞིན་པའི་དཀའ་ངལ་སྣ་ཚོགས་ཀྱི་སྐོར་ལ་གྲོས་བསྡུར་དང་སྤྱི་ཚོགས་ཀྱི་གོ་རྟོགས་སྤེལ་ཆེད་ཕྱི་ལོ་༢༠༡༡ ནས་བཟུང་འཁྲབ་སྟོན་སྣ་མང་ཞིག་གཟིགས་འབུལ་གནང་ཡོད་པ་བཞིན། ཚན་པ་དེས་འཁྲབ་སྟོན་སྐོར་སྐྱོད་ཞིག་ཉེ་འཆར་ཟླ་བ་༦པའི་ཚེས་༡༠་ཉིན་ནས་བཟུང་འགོ་འཙུགས་གནང་ཡོད་པ་དང་། དེ་དང་འབྲེལ་བའི་སྐོར་ལ་བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་ལགས་སུ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གཤམ་ལ་གསན་གནང་གི་རེད།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།