ཡུ་རིན་བོད་དོན་རྒྱབ་སྐྱོར་བ་ Frederick R Hyde-Chambers སྐུ་ཚེ་མི་ཟིན་པའི་གནས་ཚུལ།
2021.11.03
གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། བོད་དོན་རྒྱབ་སྐྱོར་བ་དུས་ཡུན་རིང་ཤོས་གནང་མཁན་གྲས་ Frederick R Hyde-Chambers ཕྱི་ཟླ་བཅུ་པའི་ཚེས་༣༡ཉིན་སྐུ་ཚེ་མི་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ་ནས་དམ་པ་དེ་ཉིད་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབར་ཐུགས་འབྲེལ་ཉེ་པོ་ཡོད་པ་མ་ཟད་། དུས་ཡུན་རིང་པོའི་རིང་བོད་དོན་རྒྱབ་སྐྱོར་གནང་བའི་ལོ་རྒྱུས་སྐོར་ཨིན་ཡུལ་བོད་དོན་ཐེབས་རྩའི་འགན་འཛིན་ཕུན་ཚོགས་དབང་རྒྱལ་ལགས་སུ་བཀའ་དྲི་ཕྱོགས་བསྒྲིགས་ཞུས་པ་ཞིག་འཆིེ་མེད་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།