བརྒྱུད་ལམ་སྣ་ཚོགས་ཀྱི་རི་མོའི་སྒྱུ་རྩལ་བ་ཐུབ་བསྟན་ཤེས་རབ།
2024.10.31
ཐུབ་བསྟན་ཤེས་རབ་ལགས་ནི་བོད་ཀྱི་གནའ་དེང་འབྲེས་མའི་བརྒྱུད་ལམ་སྣ་ཚོགས་ཀྱི་རི་མོའི་སྒྱུ་རྩལ་བ་ཁྱད་པར་བ་ཞིག་ཡིན་ལ། ཁོང་ལ་མཚོན་ན་ལོ་ངོ་ཉི་ཤུ་ལྷག་རིང་སྒྱུ་རྩལ་འདི་དག་ཐོག་ལ་ཕྱག་ལས་གནང་ཡོད་ཅིང་། རྫ་བཟོ་དང་། ཤིང་བཟོ། ཡང་ལྕགས་སྐུད་བེད་སྤྱད་ནས་སྤང་ལེབ་ཞིག་གི་སྟེང་འབུར་འདོན་གྱི་རི་མོ་སྣ་ཚོགས་བཟོ་འགོད་གནང་སྟེ་སྒྱུ་རྩལ་སྣ་ཚོགས་ཀྱི་བརྩམས་ཆོས་དཔེ་གསར་མང་དག་ཅིག་བཟོ་སྐྲུན་གནང་ཡོད་པ་རེད། དེ་རིང་གི་ལེ་ཚན་འདིའི་ནང་། ཁོང་གི་སྣ་མང་སྒྱུ་རྩལ་གྱི་རྣམ་དཔྱོད་དང་འབྲེལ་བའི་ཐད་ཐུབ་བསྟན་ཤེས་རབ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུ་ངའཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།