བདེ་ལེགས་ཕྲུ་གུའི་ཐེབས་རྩ།

2024.04.16
བདེ་ལེགས་ཕྲུ་གུའི་ཐེབས་རྩ།
བདེ་ལེགས་ཕྲུ་གུའི་ཐེབས་རྩ།

བདེ་ལེགས་ཕྲུ་གུའི་ཐེབས་རྩའི་འགན་འཛིན་རྒན་ཐུབ་བསྟན་དོན་ཡོད་ལགས་ཀྱིས་བལ་ཡུལ་རྒྱལ་ས་ནས་མིག་གི་སྨན་པ་དང་སྨན་ཞབས་པ་བཅས་མཉམ་འཁྲིད་ཀྱིས་ཉིན་གསུམ་རིང་གོམ་པ་བརྒྱབ་རྗེས་བོད་ཀྱི་མཐའ་མཚམས་ཉེ་ཁུལ་འཁེལ་བའི་བཙུམ་ས་གནས་སུ་ཕྱི་ཟླ་ ༤ པའི་ཚེས་ ༡༩ ནས་ཚེས་ ༢༣ བར་ཉིན་ལྔའི་རིང་བོད་མི་གཙོ་བོར་གྱུར་བའི་ས་གནས་ཡུལ་མི་རྣམས་ལ་མིག་གི་སྨན་བཅོས་དང་མིག་ནང་སྐྱ་འགྲིབ་བཤག་བཅོས།  དགོས་མཁོ་ཅན་ལ་མིག་ཤེལ་སོགས་རིན་མེད་གནང་བཞིན་ཡོད་ཅིང་།  ས་གནས་གི་ཕྲུ་གུ་ཉམས་ཐག་ ༧༠༠ ལྷག་ཙམ་ལ་ལྷམ་ཡང་སྤྲོད་རྒྱུ་ཡིན་འདུག  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒན་དོན་ཡོད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།  

གསར་འགོད་པ། བཀྲ་ཤིས་དབང་ཕྱུག

རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎