བོད་ཀྱི་འབྲས་ནད་ཚོགས་པས་བཞུགས་སྒར་དུ་རིན་མེད་ཐོག་ནས་འབྲས་ནད་དང་འབྲེལ་བའི་བརྟག་དཔྱད་གནང་ཡོད་པ།

ཟླ་བ་གཉིས་པའི་ཚེས་༤ཉིན་འཛམ་གླིང་འབྲས་ནད་ཉིན་མོ་ཞེས་སྲུང་བརྩི་གནང་གི་ཡོད་པ་བཞིན། བོད་ཀྱི་འབྲས་ནད་ཚོགས་པས་བཞུགས་སྒར་རྡ་རམ་ས་ལའི་གཙུག་ལག་ཁང་དུ་ཟླ་བ་༢པའི་ཚེས་༣ནས་༤་བར་ཉིན་གཉིས་རིང་རྒྱ་གར་གི་སྨན་ཁང་ཆེ་ཁག་གསུམ་གྱིས་སྨན་སྒར་ཆེད་འཛུགས་ཀྱིས། རིན་མེད་ཀྱི་ཐོག་ནས་མིག་དང་། སྙིང་། ཁའི་ནང་སོགས་འབྲས་ནད་དང་འབྲེལ་བའི་བརྟག་དཔྱད་གནང་འདུག བོད་ཀྱི་འབྲས་ནད་ཚོགས་པས་དུས་རྒྱུན་དུ་འབྲས་ནད་ཀྱི་སྐོར་གོ་རྟོགས་སྤེལ་བ་དང་སྔོན་འགོག་གི་ལས་འཆར་ཐོག་ནས་བཙན་འབྱོལ་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཡི་ཡོད་པ་བཞིན། བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་ཁོང་སྒེར་གྱི་ཉམས་མྱོང་དང་བཙན་བྱོལ་སྤྱི་ཚོགས་ནང་འབྲས་ནད་ཀྱི་དཀའ་ངལ་སེལ་ཆེད་ཞབས་འདེགས་ཞུས་དང་ཞུ་བཞིན་ཡོད་པའི་ཐད་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག