བོད་ཀྱི་འགྲེམས་སྟོན་ཁང་ནིའུ་ཡོག་ཏུ་འགྲེམས་སྟོན་གནང་ཡོད་པ།
2025.02.11
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་གིས་ཨ་རིའི་ནང་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། རྒྱ་ནག་གི་དབང་བསྒྱུར་འོག་བོད་མིའི་མྱོང་བཞིན་པའི་དཀའ་སྡུག་སོགས་མང་ཚོགས་ལ་གོ་རྟོགས་སྤེལ་ཆེད་འགྲེམས་སྟོན་གྱི་ལས་རིམ་ཞིག་འགོ་བཙུགས་ཏེ། ཟླ་བ་གཉིས་པའི་ཚེས་གསུམ་ནས་དྲུག་བར་ཉིན་བཞིའི་རིང་ནིའུ་ཡོག་ཏུ་འགྲེམས་སྟོན་གནང་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་ཀྱིས། ས་གནས་ནས་གཞོན་སྐྱེས་མང་པོས་མཉམ་བཞུགས་གནང་སྟེ་དོ་སྣང་ཆེན་པོས་དྲི་བ་མང་པོ་དྲིས་པ་མ་ཟད། ཟིན་ཐོའང་འགོད་མཁན་མང་པོ་བྱུང་། དེ་བཞིན་མི་རབས་རྒན་པ་ཚོར་མཁྱེན་པ་སླར་གསོ་ཡང་བྱུང་ཡོད་པ་ཅེས། གསར་འགོད་པ་སྒྲོལ་མ་ལྷ་མོར་འགྲེལ་བརྗོད་གནང་བའི་གནས་ཚུལ།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།