བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་བཅུ་གཅིག་པ།
བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་བཅུ་གཅིག་པ་འདི་ཉིད་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ཐེ་ཝན་རྒྱལ་ས་ཐའེ་པེ་རུ་ཚོགས་ཡོད་ཅིང་། ཚོགས་འདུའི་ཐོག་བསྟན་པ་སྤྱིའི་ཁ་ཕྱོགས་དང་། ཁྱད་པར་བོད་བརྒྱུད་ནང་བསྟན་གྱི་འབྱུང་འགྱུར་བྱེད་སྒོ། དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཇིག་རྟེན་སྤྱི་སྨན་གྱི་དགོངས་བཞེད་དང་འགན་འཁྲི་གལ་ཆེན། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སོགས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གྲོས་བསྡུར་བགྲོ་གླེང་གནང་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་ཚོགས་འདུ་ནང་དངོས་སུ་ཞུགས་མཁན་དང་ཁྱད་པར་བརྗོད་གཞི་ཞིག་གི་ཐད་གཏམ་བཤད་གནང་མཁན་དགེ་བཤེས་འཕྲིན་ལས་རྒྱ་མཚོ་ལགས་དང་། ད་ཆ་ཐེ་ཝན་ནང་སློབ་གཉེར་གནང་བཞིན་པ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲ་བརྙན་སྡེ་ཚན་གྱི་རྒྱ་ཡིག་ཚན་པའི་ལས་བྱེད་པ་སངས་དོན་གྲུབ་ལགས་གཉིས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།