འབེང་ལོར་ཧི་མ་ལ་ཡན་མགྲོན་ཁང་གིས་རྒྱ་གར་བ་དང་བོད་མི་ཁག་ལ་མཐུན་འགྱུར་རོགས་རམ་གནང་བ།
2020.04.14

བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། རྒྱ་གར་གཞུང་གིས་ཏོག་འབྱིབས་ནད་དུག་འགོས་ཁྱབ་མ་འགྲོ་བའི་ཆེད་དུ་འགྲུལ་བཞུད་བཀག་འགོག་དང་ཚོང་ལས་ཕལ་ཆེ་བ་སྒོ་རྒྱབ་ཏུ་བཅུག་པ་དེས། བོད་མི་ཁག་ཅིག་དང་ལྷག་པར་དུ་རྒྱ་གར་བ་ཉམས་ཐག་མང་པོར་བཟའ་ཆའི་དཀའ་ངལ་འཕྲད་བཞིན་པར་བརྟེན། འབེང་ལོར་གྲོང་ཁྱེར་ནང་ཡོད་པའི་ཧི་མ་ལ་ཡན་མགྲོན་ཁང་གིས་ཉམས་ཐག་རྒྱ་གར་བ་བརྒྱ་ཙམ་ལ་ཉིན་ལྟར་ཟས་ཀྱི་སྦྱིན་པ་བཏང་བ་དང་། འགྲུལ་བཞུད་བྱེད་མ་ཐུབ་པར་གྲོང་ཁྱེར་ནང་ལྷག་པའི་བོད་མི་ཁག་ཅིག་ལ་གནས་ཚང་དང་ཞལ་ལག་གི་མཐུན་འགྱུར་གནང་བཞིན་ཡོད་པའི་སྐོར། མགྲོན་ཁང་གི་བདག་པོ་བཀྲིས་དབང་འདུད་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་པར་གསན་རོགས་ཞུ།།