བསྟན་འཛིན་ཚོས་འཛོམས་ལགས་ཀྱི་དྭང་བླངས་སློབ་ཁྲིད་དང་ཉམས་མྱོང་།
2023.11.24
བསྟན་འཛིན་ཚོས་འཛོམས་ལགས་ནི་ཁེ་ཎ་ཌའི་ཀྲོ་རོན་ཀྲོ་གྲོང་ཁྱེར་ནང་(Software Engineer)་འམ་རྩིས་འཁོར་མཉེན་ཆས་འཕྲུལ་ལས་རིག་པ་ཞིག་རེད་། ཡང་ཁོང་གིས་གངས་ལྗོངས་ཆོས་ལྡན་གླིང་གི་གཟའ་མཇུག་སློབ་གྲྭའི་ནང་ལོ་མང་རིང་དགེ་རྒན་གནང་ཡོད་པ་མ་ཟད། ཁོང་གིས་དྲྭ་ཐོག་བརྒྱུད་ནས་བོད་གངས་ཅན་སློབ་གླིང་ཞེས་བོད་ཡིག་བོད་སྐད་སློབ་ཁྲིད་གནང་གི་ཡོད་པས། ཁོང་རང་ཉིད་ཀྱི་ཉམས་མྱོང་དང་སློབ་ཁྲིད་གནང་སྟངས་སོགས་ཀྱི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་གནང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།