༧སྐྱབས་རྗེ་སོག་རྩེ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དཔལ་སྔ་འགྱུར་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་སོག་རྩེ་རིན་པོ་ཆེ་མཆོག་དགུང་ལོ་ ༩༦ ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་དགོངས་པ་ཆོས་དབྱིངས་སུ་གཤེགས་ཏེ་བདུན་ཕྲག་གཅིག་རིང་ཐུགས་དམ་ལ་བཞུགས་ཤིང་། ཐུགས་དམ་ལས་གྲོལ་བའི་རྗེས་རིན་པོ་ཆེ་མཆོག་གི་སྐུ་གདུང་འབྲས་ལྗོངས་བཀྲིས་ཆོས་གླིང་མགོན་དུ་གདན་འདྲེན་ཞུས་ཡོད་འདུག ༧སྐྱབས་རྗེ་སོག་རྩེ་རིན་པོ་ཆེ་མཆོག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཆོས་སྲིད་གང་ཅིར་ནང་མར་གྱུར་བའི་འབྲེལ་འདྲིས་ཆེ་བཤེས་ཞིག་ཡིན་པ་སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་མྱུར་བྱོན་གསོལ་འདེབས་དེའི་མཇུག་ཏུ་གསུངས་ཡོད་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།