བཙུན་དགོན་མཁའ་སྤྱོད་དགའ་སྐྱིད་གླིང་།
2021.01.19

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བལ་ཡུལ་ཀོ་པཱཎ་ཁུལ་དུ་བཟོད་པ་རིན་པོ་ཆེ་མཆོག་གིས་བོད་མི་གཙོ་བོར་གྱུར་བའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བཙུན་མ་ཚོར་དམིགས་ཏེ་བཙུན་དགོན་མཁའ་སྤྱོད་དགའ་སྐྱིད་གླིང་གསར་འཛུགས་གནང་སྟེ་ལོ་ ༣༠ སྐོར་ཞིག་སོང་བའི་མཚམས་འདིར། བཙུན་དགོན་འདིའི་ནང་བོད་ཀྱི་གནའ་སྲོལ་གྱི་ནང་ཆོས་ཀྱི་སློབ་གཉེར་དང་། དེང་དུས་ཀྱི་ཤེས་ཡོན་མཁོ་སྤྲོད་གནང་བཞིན་ཡོད་པས། ཧི་མ་ལ་ཡའི་མི་རིགས་ཀྱི་བཙུན་མ་གསར་ཞུགས་པ་ཚོར་བོད་ཀྱི་སྐད་ཡིག་ངོ་བོ་སློབ་འཁྲིད་དང་རྒྱུད་འཛིན་གནང་ཕྱོགས་འབྲེལ་བའི་ཐད་དགེ་བཤེས་མ་རྣམ་གྲོལ་ཕུན་ཚོགས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག