སེ་ར་བྱེས་དྲྭ་ཐོག་སློབ་གྲྭའི་དབྱར་དུས་འཛིན་གྲྭ།
རྒྱ་གར་ལྷོ་ཕྱོགས་སེར་བྱེས་དྲྭ་ཐོག་སློབ་གྲྭའི་དབྱར་དུས་འཛིན་གྲྭ་ནང་རྒྱལ་ཁབ་༦ནས་བོད་རིགས་ཕྲུ་གུ་༥༠ཙམ་དང་མཉམ་དུ་ཕ་མ་དང་བླངས་བ་བཞི་བཅས་སླེབས་ཡོད་པ་རེད། དབྱར་དུས་འཛིན་གྲྭ་ལ་མཉམ་ཞུགས་བྱེད་མཁན་ཚོས་སློབ་ཡོན་རྩ་བ་ནས་སྤྲོད་དགོས་ཀྱི་མེད་པ་མ་ཟད་། སློབ་མ་ཚོར་གཟའ་འཁོར་གསུམ་གྱི་རིང་སེར་བྱེས་དྲྭ་ཐོག་སློབ་གྲའི་འབྲེལ་ཡོད་ནས་སྡོད་ཁང་དང་ཞལ་ལག་བཅས་ཡོངས་རྫོགས་རིན་མེད་ཀྱང་གནང་གི་ཡོད་ཅིང་།
འདི་ལོ་༢༠༢༣ལོའི་དབྱར་དུས་སློབ་གྲྭ་ཚོགས་ཐེངས་གཉིས་པ་དེ་སྤྱི་ཟླ་༧པའི་ཚེས་༡༡ནས་ཕྱི་ཚེས་༣༠བར་ཡིན་པའི་ཕྲུ་གུ་ལོ་ན་ཆུང་ཤོས་༨ནས་ལོ་ན་༡༧བར་སོན་པའི་བོད་པའི་གཞོན་སྐྱེས་ཤ་སྟག་ཡིིན་པ་རེད། ཨ་མ་དང་བླངས་པ་ཞིག་གིས་གཟའ་འཁོར་གསུམ་གྱི་དུས་ཡུན་དེ་ནི་ནུབ་ཕྱོགས་ནས་ཡོང་བའི་ཕྲུ་གུ་ཚོར་སྨན་བཅོས་རག་པ་ལྟར་གྱི་ཕྲུ་གུའི་འཚར་ལོངས་དང་སྐད་ཡིག་སློབ་སྦྱོང་གང་ཐད་ཕན་རླབས་ཆེན་པོ་ཡོད་པ་བརྗོད་བྱུང་།
དེ་རིང་ཁ་བའི་གྲོས་ར་ལེ་ཚན་འདིའི་ནང་སེར་བྱེས་དྲྭ་ཐོག་སློབ་གྲྭ་དང་དབྱར་དུས་སློབ་གྲྭའི་ལས་འཆར་དེའི་དམིགས་ཡུལ་དང་གནད་འགག དེ་བཞིན་སློབ་འཇུག་བྱེད་སྟངས་ཀྱི་ཞུ་སྙན་འབུལ་ཕྱོགས་སྐོར་སོགས་ཞིབ་ཕྲ་སེར་བྱེས་དྲ་ཐོག་སློབ་གྲྭའི་འགན་འཛིན་རྒན་པད་མ་ལགས་དང་རྒན་བསྟན་འཛིན་དར་རྒྱས་ལགས། དང་བླངས་པ་ཨ་ཅག་གཉིས་དང་བཅས།རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།