སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་།
ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། ༸སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་གི་ཆོས་ལུགས་ལ་མ་རྟེན་པའི་འགྲོ་བ་མིའི་སེམས་ཀྱི་ཡོན་ཏན་གོང་འཕེལ་གཏོང་ཐབས་ཀྱི་དགོངས་གཞི་སཱི་ཤེས་ཡོན་སློབ་གསོ་དེ་ནི་རླབས་ཆེན་གྱི་དགོངས་གཞི་ཞིག་དང་ཤེས་ཡོན་གྱི་སློབ་གསོ་དེ་ནི་འཛམ་གླིང་གི་རྒྱལ་ཁབ་༤༠ ལྷག་གི་སློབ་གྲྭའི་ནང་ལག་ལེན་བསྟར་བཞིན་པ་ལྟར་། ད་རེས་བྱང་ཨ་རིའི་གཟའ་མཇུག་བོད་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་༨༠ ཙམ་ལ་སཱི་ཤེས་ཡོན་གྱི་ཟབ་སྦྱོང་གནང་བཞིན་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་སྣེ་ཁྲིད་པ་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ལོ་ཙཱ་བ་བགྲེས་པ་བརྩོན་འགྲུས་བསམ་འཕེལ་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།