ས་ག་ཟླ་བའི་རིང་དགེ་སྦྱོར་དམིགས་བསལ་སྒྲུབ་དགོས་པའི་ཕན་ཡོན།

2024.05.23
ས་ག་ཟླ་བའི་རིང་དགེ་སྦྱོར་དམིགས་བསལ་སྒྲུབ་དགོས་པའི་ཕན་ཡོན།
ནོར་སྡེ་སྒྲོལ་མ།

བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོར་ས་ག་ཟླ་བ་འདི་ནི་ཆེས་རྩ་ཆེ་བའི་དུས་ཆེན་ཞིག་ཡིན་ལ། ལྷག་པར་བོད་ཟླ་ ༤ ཚེས་ ༡༥ ནི། སངས་རྒྱས་ཀྱི་མཛད་པ་གསུམ་གཅིག་ཏུ་འཛོམས་པའི་དུས་ཚེས་ཁྱད་པར་ཅན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ཅིང་། དགེ་བའི་ལས་ཅི་ཞིག་བསྒྲུབས་ཀྱང་འབུམ་འགྱུར་གྱི་ཕན་ཡོན་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་ལ་སྤྱིར་ས་ག་ཟླ་བ་དང་། ས་ག་ཟླ་བའི་ཚེས་བཅོ་ལྔའི་དགེ་སྦྱོར་སྤྱིའི་ཕན་ཡོན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲ་ཐོག་སྤེལ་མཁན། ནོར་སྡེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎