ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཉིན་དྲ་ཐོག་ནས་ཆོས་བརྒྱུད་རིས་མེད་ཀྱི་འཛམ་གླིང་ཞི་བདེའི་སྨོན་ལམ་ཞིག་འཚོགས་ཡོད་པ།


2020.06.10
ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཉིན་དྲ་ཐོག་ནས་ཆོས་བརྒྱུད་རིས་མེད་ཀྱི་འཛམ་གླིང་ཞི་བདེའི་སྨོན་ལམ་ཞིག་འཚོགས་ཡོད་པ། ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཉིན། དྲ་ཐོག་ནས་འཛམ་གླིང་ཞི་བདེའི་སྨོན་ལམ་ཞིག་འཚོགས་ཡོད་པ།
འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་ཀྱི་ངོ་དེབ།


ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཉིན། དྲ་ཐོག་ནས་ཆོས་བརྒྱུད་རིས་མེད་ཀྱི་འཛམ་གླིང་ཞི་བདེའི་སྨོན་ལམ་ཞིག་འཚོགས་ཡོད་པ་དང་ཆོས་བརྒྱུད་ཁག་གི་དགེ་བའི་བཤེས་གཉེན་རྣམས་གཙོས་པའི་རྒྱལ་ཁབ་མང་པོའི་ནང་ཆོས་དོན་གཉེར་བ་མང་པོ་མཉམ་ཞུགས་ཀྱིས་སྨོན་ལམ་ལེགས་འགྲུབ་བྱུང་བའི་སྐོར་གོ་སྒྲིག་གནང་མཁན་འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་ཀྱི་མཁན་པོ་བསམ་གྲུབ་ལགས་དང་། སེཨེ་ཊལ་ཝ་ཤིང་ཊོན་ས་སྐྱ་དགོན་པའི་མཁན་པོ་བྱམས་པ་བསྟན་འཕེལ་ལགས། དེ་བཞིན་བྷོས་ཀྲོན་ནས་དགེ་བཤེས་ངག་དབང་འཕྲིན་ལས་ལགས་བཅས་ཁོང་རྣམ་པ་གསུམ་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎