ཨོ་མི་ཀརོཎ་ཞེས་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་འབུ།

2021.12.14
ཨོ་མི་ཀརོཎ་ཞེས་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་འབུ།
wiki/སྒྲིག་བཟོ།

འཛམ་གླིང་གི་ནད་ཡམས་དཔྱད་རིག་པ་ཚོས་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་ཀྱི་རྣམ་པ་མང་འགྱུར་གྱི་ནད་འབུ་ ཨོ་མི་ཀརོཎ་  ཞེས་པ་འདིས་ཡི་ཤུའི་མ་ཤི་ཀའི་འཁྲུངས་སྐར་དང་།  ཕྱི་ལོ་གསར་བཞད།  བོད་ལུགས་ཀྱི་ལོ་གསར་སོགས་ཚེས་ལ་ཉེ་བའི་མི་མང་འབོར་ཆེན་མཉམ་འདུས་ཀྱི་དུས་སྐབས་འདིར་འགོས་ཁྱབ་མང་ཤོས་ཀྱི་ཉེན་ཁར་རྩིས་བཞིན་ཡོད་ཅིང་།  ཚན་རིག་པ་འགས་ཨོ་མི་ཀརོཎ་ནད་འབུ་ངོ་བོ་འགྱུར་བ་འདི་འགོས་སླ་བ་ཡོད་ཀྱང་སྲོག་སྐྱོན་ཆུང་བ་ཡོད་ལུགས་གཤོད་མཁན་ཡོད་པ་རེད།  འོན་ཀྱང་ཨ་རིའི་ཁེ་ལི་ཕོར་ནི་ཡ་ནང་གནས་བཞུགས་ནད་ཡམས་དཔྱད་རིག་པ་སྨན་པ་སྐྱུ་ལོ་རྣམ་རྒྱལ་ལྷ་དབང་ལགས་ཀྱིས་ད་ལྟའི་ཆར་འདི་ལྟར་གཤོད་རྒྱུ་སྔ་དྲག་པ་ཡིན་པ་དང་།  སྔོན་འགོག་སྨན་ཁབ་གསུམ་པ་བསྐྱོན་རྒྱུ་གལ་གནད་ཆེན་པོ་ཆགས་ཡོད་ལ།  འདིར་ནད་འབུ་གསར་པ་འགོག་པའི་ནུས་པ་ཆེན་པོ་ཡོད་པ་ཉམས་ཞིབ་གྲུབ་དོན་ནས་ཤེས་རྟོགས་བྱུང་ཡོད་པ་གསུངས་ཀྱི་འདུག   གཤམ་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ནད་ཡམས་དཔྱད་རིག་པ་ཁོང་དང་ལྷན་དུ་རྣམ་པ་མང་འགྱུར་གྱི་ནད་འབུ་གསར་པ་འདིའི་ཉེན་ཚབས་དང་འདིར་གཉེན་པོ་བསྟེན་ཚུལ་ཐད་གླེང་མོལ་ཞིབ་རྒྱས་ཞུས་པ་ཞིག་གསན་རོགས་ཞུ།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ནོར་སྡེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎