ཨོ་མི་ཀོ་རོན་ཏོག་དབྱིབས་ནད་ཡམས་དང་རྒྱ་གར།
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨོ་མི་ཀོ་རོན་ཞེས་པའི་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་ཀྱི་རྣམ་པ་མང་འགྱུར་གྱི་ནད་འབུ་འདི་ཁྱབ་གདལ་ཇེ་ཆེར་འགྲོ་ཞིང་། རིང་མིན་རྒྱ་གར་ནང་ནད་ཡམས་རླབས་རྒྱུན་ཁྱབ་གདལ་ཆེ་བའི་ངོ་བོར་འགྱུར་ཉེན་ཡོད་པ་སྨན་ལས་ཁྱད་མཁས་པ་ཚོས་སྔོན་དཔག་བྱེད་ཀྱི་ཡོད་པས། ཕྱི་ལོ་གསར་ཚེས་དང་དགུན་དུས་གྲང་ངར་གྱི་གནམ་གཤིས་འདིའི་རིང་དམིགས་བསལ་དོ་འཁུར་བྱེད་གཞིར་ངོས་འཛིན་གནང་གི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཀོ་ཝིཌ་ ༡༩ ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་འགན་འཁུར་བ་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་ལྷན་ནད་ཡམས་འདི་ཚབས་ཆེར་འགྱུར་ན་གདོང་ལེན་བྱེད་ཕྱོགས་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།