ལ་དྭགས་ཁྲིག་རྩེ་ཡུལ་དུ་ཆགས་པའི་ཉར་མ་ཞེས་པ་ནང་པའི་སྡེ་ཐོག་མར་བཙུགས་ནས་་མི་ལོ་ ༡༠༠༠ འཁོར་ཡོད་པ།
2023.11.02

ལ་དྭགས་ཁྲིག་རྩེ་ཡུལ་དུ་ཆགས་པའི་ཉར་མ་ཞེས་པ་ནང་པའི་སྡེ་ཐོག་མར་བཙུགས་ནས་་མི་ལོ་ ༡༠༠༠ འཁོར་ཡོད་ཅིང་། ལ་དྭགས་ས་གནས་སུ་ཆགས་པའི་ཉར་མ་དང་། བོད་མངའ་རིས་ཁུལ་གྱི་གུ་གེ་མཐོ་གླིང་། པུ་ཧྲེང་དུ་ཁོར་ཆ་བཅས་ལོ་རྩ་བ་རིན་ཆེན་བཟང་པོས་ཉིན་གཅིག་ལ་བཞེངས་པར་ལོ་རྒྱུས་མཁས་པ་ཚོས་ངོས་འཛིན་བྱེད་ཀྱི་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།།
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག