གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་གམ་རྒྱལ་པོ་པེ་ཧར་འདི་ཉིད་༧རྒྱལ་མཆོག་༧སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་སྐུ་དུས་ནས་བཟུང་༧སྐུའི་སྲུང་མའི་གཙོ་བོའི་གྲས་སུ་བསྟེན་སྲོལ་བྱུང་ཡོད་པ་མ་ཟད། བོད་སྤྱི་ལ་ཆོས་སྲིད་གཉིས་ཀྱི་ཐོག་ནས་དབང་སྒྱུར་མཛད་མཁན་༧རྒྱལ་མཆོག་༧སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་སུ་གནས་ཆུང་ཆོས་རྒྱལ་ཆེན་པོ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་ཞེས་ཐོག་མར་མཚན་གསོལ་སྩལ་གནང་སྟེ། ད་བར་༧རྒྱལ་བ་དབང་༧སྐུ་ཕྲེང་རིམ་བྱོན་དང་བོད་གཞུང་ནས་ཐག་ཆོད་དཀའ་བའི་ལས་དོན་གལ་ཆེའི་རིགས་བོད་ཀྱི་སྲུང་མ་དམར་ནག་གཉིས་ཏེ། ནག་པོ་དཔལ་ལྡན་ལྷ་མོ་དང་དམར་པོ་རྡོ་རྗེ་གྲགས་ལྡན་གཉིས་ལ་བཀའ་འདྲི་གནང་སྟེ་ཐག་གཅོད་གནང་སྲོལ་ཡོད་པ་རེད།
ཐེངས་འདིའི་ལས་རིམ་ནང་། གནས་ཆུང་སྐུ་རྟེན་བཅུ་བདུན་པ་སྐུ་ངོ་ཐུབ་བསྟན་དངོས་གྲུབ་མཆོག་ལ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བྱུང་རིམ་དང་། གནས་ཆུང་སྐུ་རྟེན་ངོས་འཛིན་གནང་ཕྱོགས་དང་འབྲེལ་ནས་ཆོས་སྐྱོང་ཆེན་པོའི་ལོ་འཁོར་གཅིག་གི་མཛད་རིམ་སོགས་ཀྱི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་གནང་གི་རེད།།


གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།