གནས་ཆུང་ཆོས་རྒྱལ་ཆེན་པོ་དང་སོག་ཡུལ་གྱི་གཞུང་མང་དབར་གྱི་དམིགས་བསལ་འབྲེལ་བ།
བོད་དང་སོག་པོའི་དབར་དུས་རབས་བདུན་པ་ཙམ་ནས་ཆོས་དང་ཆབ་སྲིད་ཀྱི་འབྲེལ་བ་ཆེན་པོ་བྱུང་ཡོད་པ་མ་ཟད། ཡང་སྒོས་༧རྒྱལ་མཆོག་༧སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་དུས་ནས་བོད་སོག་དབར་ཐུང་མོང་མ་ཡིན་པའི་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་བྱུང་པ་དང་། ད་ཆ་ལོ་ངོ་བརྒྱ་ཕྲག་མང་པོ་སོང་པའི་རྗེས་སུ་ཡང་འབྲེལ་བ་བརྟན་པོར་གནས་ཡོད་པ་རེད། གནས་ཆུང་ཆོས་རྒྱལ་ཆེན་པོ་དང་སོག་ཡུལ་གྱི་གཞུང་མང་དབར་ལ་དམིགས་བསལ་ཆོས་དང་རིག་གཞུང་གི་ཐོག་ནས་འབྲེལ་བ་དམ་ཟབ་ཅིག་ཚུགས་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་ལྟར་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་སྐུ་ངོ་ཐུབ་བསྟན་དངོས་གྲུབ་མཆོག་སོག་ཡུལ་དུ་ཡང་ཡང་ཆེད་ཕེབས་གནང་བཞིན་ཡོད་ཅིང་།
ཉེ་ཆར་སོག་ཡུལ་དུ་ཆེད་ཕེབས་ཀྱིས་གཟའ་འཁོར་སྔོན་མའི་ནང་རྒྱ་གར་དུ་ཕྱིར་ཕེབས་གནང་མ་ཐག་རེད་འདུག ཐེངས་འདིའི་ལས་རིམ་ནང་། གནས་ཆུང་སྐུ་རྟེན་སྐུ་ངོ་ཐུབ་བསྟན་དངོས་གྲུབ་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་དེ་གསན་གནང་གི་རེད།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲིས།