སྐུ་ཅར་རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་།
ཨ་རིའི་ནང་བོད་མིའི་མི་འབོར་ཇེ་མང་དུ་འགྲོ་བ་དང་བསྟུན་ནུབ་ཕྱོགས་ནང་འཚར་ལོངས་བྱུང་བཞིན་པའི་བོད་ཀྱི་མི་རབས་གསར་པ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་ཉམས་བརྒྱུད་འཛིན་དང་གོང་འཕེལ་གྱི་ཐད་སེམས་འཚབ་མི་ཉུང་བ་ཞིག་ཡོང་གི་ཡོད་པ་བཞིན། བོད་མིའི་ཆོས་ཚོགས་དང་རིག་གཞུང་ལྟེ་གནས་ཁང་གསར་འཛུགས་དང་དེ་དག་ནང་སློབ་འཁྲིད་དང་མཐུན་རྐྱེན་ཁག་གོ་སྐབས་ལེན་པའི་བརྒྱུད་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་ཐོག་གསོན་ཤུགས་འཕར་མ་ཞིག་སྤྲོད་ངེས་པ་རེད་འདུག
དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ས་ཁྱོན་ཨེ་ཀར་༢༨ཙམ་ཡོད་པའི་ཨ་རིའི་ནུའུ་ཡོག་མངའ་སྡེའི་ཁོངས་སུ་ཡིན་པ་Ithaca ས་གནས་སུ་ཆགས་པའི་བྱང་ཨ་རིའི་ཁུལ་སྐུ་ཅར་རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་གཞིའི་མ་འོངས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཇི་ལྟར་འགྲུབ་ཐུབ་པའི་སྐོར་དང་སློབ་གཉེར་ཁང་དེ་བཞིན་གུང་སེང་ལ་འགྲོ་མཁན་བོད་མི་ཚོར་ཡིད་སེམས་འཕྲོག་ཡུལ་གྱི་གནས་མཆོག་ཤིག་ཆགས་པའི་སྐོར་རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་གི་འགན་འཛིན་རྒན་བསྟན་འཛིན་ཆོས་བཟང་ལགས་བཅས་འབྲེལ་ཡོད་ཁག་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།