སྐུའི་གོ་སྟོན་དང་བསྟུན་སྨོན་ལམ་ཆེན་མོ་དང་སྨན་བཅོས་རོགས་རམ།
2024.12.20
ཐེངས་འདིའི་བཅར་འདྲིའི་ལེ་ཚན་ནང་།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་༢༠༢༥ ལོར་དགུང་གྲངས་༩༠ལ་ཕེབས་པའི་སྐུའི་གོ་དོན་དང་བསྟུན་ནས། ཨ་རིའི་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཁག་གསུམ་ཚོགས་ཀྱི་ཡོད་པ་དང་། རྒྱུད་སྟོད་དགེ་རྩ་ཚོགས་པ་བཙུགས་ནས་ལོ་ངོ་༢༥ འཁོར་བའི་དུས་ཆེན། དེ་བཞིན་བལ་བོད་ས་མཚམས་ནུབ་རིར་མང་ཚོགས་ལ་སྨན་བཅོས་ཀྱི་རོགས་རམ་བཅས་ཀྱི་ལས་གཞི་ཁག་གསུམ་སྤེལ་གྱི་ཡོད་པའི་སྐོར་ལ་གཡུ་སྒྲོན་ལགས་ཀྱིས་ལས་གཞི་དེ་དག་དང་འབྲེལ་བ་ཡོད་པའི་སྐུ་ཞབས་དོན་ཡོད་ལགས་སུ་བཀའ་འདྲི་ཞུས་པ་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།