དབྱར་རྩ་དགུན་འབུས་ནད་འགོག་མ་ལག་ནུས་སྟོབས་འཕེལ་བའི་ཕན་ཡོན།
2023.01.31
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། བོད་བཞུགས་སྨན་པ་མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་གིས་། ལོ་ངོ་ལྔ་བརྒྱའི་གོང་ནས་བེད་སྤྱོད་བྱེད་པའི་བོད་སྨན་དབྱར་རྩ་དགུན་འབུས་ལུས་ཀྱི་ནད་འགོག་མ་ལག་གམ་Immune System ཟེར་བའི་ནུས་སྟོབས་འཕེལ་ནས་འགོ་ནད་རིགས་སྔོན་འགོག་གི་ནུས་པ་ལྡན་ཡོད་པ་དང་། ལྷག་དོན་ཁོང་རང་ཉིད་ནས་དབྱར་རྩ་དགུན་འབུ་བེད་སྤྱོད་བྱས་ནས་ནད་འགོག་མ་ལག་ནུས་སྟོབས་འཕེལ་བར་ཕན་ཐོགས་ཆེན་པོ་བྱུང་བའི་དངོས་མྱོང་ར་སྤྲོད་གནང་བ་ནས་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་བ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།