ནང་པའི་ཆོས་ཚོགས་ཀྱི་འཐུས་མིར་ལོ་གསར་གསོལ་སྟོན།
2020.03.03
ཨིན་ཡུལ་ནང་ནང་པའི་ཆོས་ཚོགས་འཐུས་མི་ཁག་ཅིག་ལ་ལོ་གསར་གྱི་གསོལ་སྟོན་འདེགས་འབུལ་གནང་སྐབས། སྐུ་ཚབ་དོན་གཅོད་མཆོག་ནས་ཆོས་ཚོགས་ཐེངས་ ༡༤ པའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་སྤྱི་མོས་གཏན་འབེབས་ཞུས་པའི་གྲོས་ཆོད་ཀྱི་ནང་དོན་ཁག་ངོ་སྤྲོད་གནང་བ་དང་འབྲེལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་ཐོག་ལ་ཤུགས་སྐྱོན་དགོས་པའི་སྐུལ་མ་གནང་ཡོད་པ་རེད། འདིའི་སྐོར་བཀྲིས་དབང་ཕྱུག་ལགས་ཀྱིས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚ་རིང་འཚོ་མོ་ལགས་སུ་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིག་ཞུས་པ་ཞིག་སྙན་སྒྲོན་ཞུ་གནང་གི་རེད།