དབྱར་ཚོང་གཉེར་མཁན་ཚོར་བུན་གཡར།
2019.01.22
བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་རྒྱ་གར་ནང་དབྱར་ཚོང་གཉེར་མཁན་ཚོར་རྒྱ་གར་གྱི་སྒོར་མོ་ས་ཡ་༡༢༠ཙམ་ཀྱི་སྐྱེ་ཆུང་བུན་གཡར་གནང་རྒྱུའི་གསལ་བསྒྲགས་གནང་འདུག་པ་འདི་ཐད་ ཚེ་དབང་དངོས་གྲུབ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།