༡༩༦༣ ལོར་དམར་འབྱར་ཡིན་སྐབས་ནས་འཇར་མ་ནིར་སྤོ་བཞུད་བྱེད་པའི་ལོ་རྒྱུས།

2022.11.22
༡༩༦༣ ལོར་དམར་འབྱར་ཡིན་སྐབས་ནས་འཇར་མ་ནིར་སྤོ་བཞུད་བྱེད་པའི་ལོ་རྒྱུས། བསྟན་འཛིན་དབང་མོ་ལགས་ཀྱི་མི་ཚེའི་ལོ་རྒྱུས།
བསྟན་འཛིན་དབང་མོ།

བསྟན་འཛིན་དབང་མོ་ལགས་ནི་རང་ལོ་གཅིག་ལ་མ་སོན་གོང་དམར་འབྱར་ཟླ་གྲངས་ ༡༠ ལོན་པའི་སྐབས་པ་ལགས་རྩེ་དྲུང་བློ་བཟང་རྣམ་གྲོལ་ལགས་དང་། ཨ་མ་ལགས་ལྷ་ལུང་པ་བསོད་ནམས་སྒྲོལ་དཀར་ལགས་གཉིས་དང་ལྷན་ཕ་མ་གཉིས་ཀྱིས་བོད་གཞུང་གིས་བཀོད་སྒྲིག་ལྟར་བོད་ཕྲུག་ ༡༢ སྐོར་ཞིག་ཁྲིད་དེ་འཇར་མ་ནིར་ཤེས་ཡོན་སློབ་གསོའི་གོ་སྐབས་ཆེད་ཕེབས་ཡོད་པ་རེད། ད་ཆ་བསྟན་འཛིན་དབང་མོ་ལགས་ཀྱིས་བོད་པའི་ངག་རྒྱུན་གྱི་སྒྲུང་གཏམ་ཐོས་པ་རོ་སྒྲུང་སྐོར་གཙོ་འགྱུར་གྱིས་སྒྲུང་དེབ་ཁག་སྐད་ཡིག་སྣ་ཚོགས་ནང་འདོན་སྤེལ་གནང་པ་དང་། མགྲོན་འབོད་ནམ་བྱུང་ལ་བོད་པའི་སྒྲུང་གཏམ་གཤོད་པར་བསྐྱོད་དེ་དཔལ་འབྱོར་འདུ་འགོད་བྱུང་པ་རྣམས་བོད་པའི་ཕྲུ་གུ་ཚོའི་ཤེས་ཡོན་ཆེད་ཞལ་འདེབས་གནང་བཞིན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བསྟན་འཛིན་དབང་མོ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཁྱད་པར་བ་ཞིག་ཡོད་པ་འདི་དང་འབྲེལ་ནས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ་བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎