ལ་དྭགས་བྱམས་སྨོན་ཆེན་མོའི་སྨོན་ལམ་སྐབས་གསུམ་པ།
2025.01.29
ཐེངས་འདིའི་ཧི་མ་ལ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་། ད་ལྟ་མཇུག་སྒྲིལ་གནང་ཙམ་ཡིན་པའི་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་ནང་ལ་དྭགས་ཀྱི་བྱམས་སྨོན་ཆེན་མོ་ཐེངས་གསུམ་པ་འཚོགས་གནང་སྐབས་བོད་ཀྱི་བསྟན་པ་ཆབ་སྲིད་སྤྱི་དང་ལྷག་དོན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་ཆེད་སྨན་བླའི་གཟུངས་སྔགས་སོགས་གསོག་སྒྲུབ་ཞུས་པ་མ་ཟད། བོད་ནས་ལ་དྭགས་ནང་རྒྱུགས་པའི་སེངྒེ་ཁ་བབས་ཀྱི་ཆུ་གཙོས་པའི་ལ་དྭགས་ཀྱི་ཆུ་སྣ་ཁག་གི་ཡོན་ཆབ་ཐེངས་དང་པོ་ཕུལ་བ་སོགས་ཀྱི་སྐོར་ལ་དྭགས་མངའ་རིས་ནང་ཆོས་རིག་ལམ་སློབ་གཉེར་ཁང་གི་དབུ་འཛིན་དགེ་བཤེས་ཚེ་དབང་རྡོ་རྗེ་ལགས་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།