ཕུག་འཕེར་ཡུན་གནས་ཀྱི་ཚོང་ལས།

2024.12.27
ཕུག་འཕེར་ཡུན་གནས་ཀྱི་ཚོང་ལས།
K. Tenzin

ཚོང་ལས་གང་ཞིག་གཉེར་ཀྱང་། ཕུག་འཕེར་ལམ་ལྷོངས་ལྡན་པའི་ངང་ཡུན་རིང་འཚོ་གནས་ཐུབ་རྒྱུ་ནི་དམིགས་བཀར་གལ་ཆེན་ཞིག་ཡིན་ལ།  དེ་ལྟར་འབྱུང་བའི་ཆ་རྐྱེན་དུ། ཚོང་རིག་རྣམ་དཔྱོད་དང་། ཐབས་བྱུས།  འབྲེལ་ལམ་བཟང་པོ་སྐྲུན་པ་བཅས་གཞི་རྟེན་མང་པོ་ཞིག་ལ་རགས་ལུས་ཡོད་པ་རེད།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྒྱུན་རིང་པོར་ཡུན་གནས་ཐུབ་པའི་ཁོངས་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་གྱི་ Clement Town དོན་གྲུབ་གླིང་བོད་མི་གཞིས་ཆགས་ནས་ཡིན་པའི་ཀརྨ་བསྟན་འཛིན་ལགས་ནི་ K. Tenzin ཞེས་པའི་བོད་མིའི་སྤྱི་ཚོགས་ཁྲོད་ཆེས་དགའ་མོས་དང་དར་ཁྱབ་ཆེ་བའི་དེབ་སྐྱེལ་བྱས་པའི་སི་པན་བཟོ་ཚོང་ཁང་གི་ཚོང་བདག་ཡིན་པ་དང་།  དེ་ནི་དེང་དུས་ཀྱི་ཚོང་ཟོག་ལྟར་སི་པན་གྱི་ཚོང་ཟོག་གྲགས་ཆེར་སྤེལ་ཐུབ་མཁན་ཆེས་ཐོག་མའི་གྲས་ཤིག་ཡིན་པ་རེད།  ཀརྨ་བསྟན་འཛིན་ལགས་ཀྱིས་བཟོ་སྐྲུན་གནང་བཞིན་པའི་སི་པན་དང་ཐུག་པ་འདྲ་མིན་བཟོ་སྐྲུན་སྤུས་ཚོང་ཞུ་བཞིན་པའི་ཐོན་ཁུངས་ཁག་ལ། ས་གནས་ཡུལ་མི་དང་བོད་མིའི་གཞི་ཆགས་གཞན་ཁག་ཙམ་མ་ཡིན་པར། ཕྱི་རྒྱལ་ཁག་གི་ནང་གནས་སྡོད་བོད་མི་ཚོས་ཀྱང་དགའ་མོས་ཆེན་པོ་གནང་གི་ཡོད་པ་རེད།  དེ་རིང་གི་ལེ་ཚན་ནང་།  བོད་མིའི་སྤྱི་ཚོགས་ཁྲོད་ནས་ཚོང་དོན་ཐོག་ལ་ལམ་ལྷོངས་ལྡན་པའི་ལས་དོན་གཉེར་མཁན་ K. Tenzin ལགས་ཀྱི་བུ་ཆོས་ཉིད་རྒྱལ་མཚན་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད། 

གསར་འགོད་པ།   མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ།       དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན།  ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎