གསར་འགོད་པ་གྲགས་ཅན་ཇོ་ན་ཐན་མརསྐི་དགོངས་པ་རྫོགས་པ།
2021.09.22
ཕྱི་ཟླ་ ༩ ཚེས་ ༥ ཉིན་རྒྱལ་སྤྱིའི་གསར་འགོད་པ་དང་རྒྱ་ནག་རིག་པ་བ་གྲགས་ཅན་ Jonathan Mirsky ལགས་དགོངས་པ་རྫོགས་ཡོད་པ་རེད། ཁོང་ནི་རང་རྒྱལ་གཞན་ཕམ་དང་ཁེ་ཕན་གཙོ་བཟུང་གི་བསམ་བློ་འཛིན་མཁན་མིན་པར། དྲང་བདེན་དང་ཚུལ་མཐུན་གྱི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱེད་མཁན་རང་ཚུགས་བརྟན་པོ་ཡོད་མཁན་གྱི་མི་སྣ་ཞིག་ཡིན་པ་ཁོང་དང་གྲོགས་འདྲིས་ཆེ་བའི་ཁྱད་མཁས་པ་མང་པོས་འགྲེལ་བརྗོད་གནང་གི་འདུག Jonathan Mirsky ལགས་ནི་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་ནང་དོ་སྣང་སླེབས་ཐུབ་པར་ཞོགས་འདེགས་ཆེན་པོ་གནང་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་བའི་མི་སྣ་ཞིག་ཀྱང་ཡིན་པ་རེད། གཤམ་ལ་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྐོར་བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།