རྒྱལ་སྤྱི་བྱམས་བརྩེའི་བདེ་རྩ།
2014.11.26

༄༅། །ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྨར་ཁམས་པ་བྲག་པ་རིན་པོ་ཆེན་མཆོག་གིས་གསར་འཛུགས་གནང་པའི་ རྒྱལ་སྤྱི་བྱམས་བརྩེའི་བདེ་རྩ་ཁང་གི་དྭ་ཕྲུག་དང་ཕྱེད་དྭ་ཕྲུག་གི་སྡོད་ཁང་ལེགས་གྲུབ་བྱུང་ནས་དབུ་འབྱེད་མཛད་སྒོ་ཐོག་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པད་མ་མཆོག་སོགས་ཀྱི་གནས་ཡོད་མི་སྣ་མང་དག་ཅིག་ཕེབས་ནས་མཛད་སྒོ་ལེགས་གྲུབས་བྱུང་ཡོད་པ་རེད། དེ་རིང་སྨར་ཁམས་བྲག་པ་རིན་པོ་ཆེན་མཆོག་གིས་གསར་འཛུགས་གནང་བའི་ རྒྱལ་སྤྱི་བྱམས་བརྩེའི་བདེ་རྩ་དེ་འཛུགས་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས། ད་ཕན་ལ་བདེ་རྩ་དེའི་ནང་ལ་ཕྲུ་གུ་ག་ཚོད་ཡོད་མེད།བདེ་རྩ་དེའི་ད་ལྟའི་གནས་སྟངས་དང་མ་འོངས་པར་འཆར་གཞི་སོགས་ཀྱི་སྐོར་ལ་སྨར་ཁམས་བྲག་པ་རིན་པོ་ཆེན་མཆོག་ལ་བཅའ་འདྲི་གླེང་མོལ་ཞུ་པ་ཞིག་གསན་རོགས་གནང་།།
གསར་འགོད་བློ་བཟང་ཆོས་འཕེལ།
༄༅། །ཐེངས་འདིའི་སྤྱི་ཚོགས་ཀྱི་གནད་དོན་ཞེས་པའི་ལེ་ཚན་ནང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱི་བྱམས་བརྩེའི་བདེ་རྩ་ནས་བོད་མིའི་སྤྱི་ཚོགས་ཁྲོད་དུ་ད་ཕྲུག་དང་ཉམས་ཐག་གི་བུ་ཕྲུག་ཚོར་རོགས་རམ་གནང་ཕྱོགས་སྐོར་དབྱངས་སྒྲོལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་དབྱངས་སྒྲོལ།