བདུག་སྤོས་མཆོད་རྫས་སུ་སྤྱོད་པའི་གལ་གནད།
སྤྱིར་སྤོས་ནི་བོད་པ་ཙམ་མིན་པར་ཤར་ཕྱོགས་ཨེ་ཤེ་ཡའི་རྒྱལ་ཁབ་འདྲ་མིན་ནང་མཆོད་པའི་རྫས་སུ་དར་ཁྱབ་ཆེན་པོ་ཡོད་པ་ཞིག་ཡིན་པ་དང་། བོད་ལ་མཚོན་ན་གནའ་བོའི་སྲོལ་རྒྱུན་གྱི་ནང་སྤོས་སྤར་རྒྱུ་ནི་ཆོས་དང་རིག་གཞུང་གི་ཉིན་རེའི་བྱ་གཞག་ནང་གི་བྱེད་སྒོའི་ཆ་ཤས་མེད་དུ་མི་རུང་བ་ཞིག་ཡིན་པ་རེད། བོད་ཀྱི་སྤོས་སྦྱོར་རིག་པ་དང་བོད་ལུགས་གསོ་བ་རིག་པའི་དབར་འབྲེལ་བ་ཆེན་པོ་ཡོད་ཅིང་། དཔེར་ན་སྤོས་དང་བོད་སྨན་གཉིས་ཀར་གྱི་ནང་སྨན་རྩ་ལ་སོགས་པའི་རྫས་རིགས་དང་གླ་རྩི་ལ་སོགས་པ་སྲོག་ཆགས་ལས་བྱུང་བའི་དངོས་རྫས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། དེ་རིང་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་བསམ་སྤོས་སྦྱོར་སྡེ་ཚན་གྱི་འགན་འཛིན་བསོད་ནམས་སྟོབས་རྒྱལ་ལགས་ལ་བོད་ཀྱི་རིག་གཞུང་ཁྲོད་སྤོས་ཀྱི་གལ་གནད་དང་། སྲོལ་རྒྱུན་གྱི་སྤོས་སྦྱོར་ཚད་ལྡན། སྲོལ་རྒྱུན་འདི་ཉིད་རྒྱུན་གནས་ཐུབ་ཚེ་དེའི་དོན་འབྲས་བཅས་ཀྱི་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།