སྒྱུ་རྩལ་གྱི་ངོ་བོ་འདྲ་མིན་ནང་ཕྱག་ལས་གནང་མྱོང་མཁན་སྣ་མང་སྒྱུ་རྩལ་བ་འཕྲིན་ལས་ལྷ་མོ།
2023.11.27

ལས་དོན་ཆེ་ཆུང་ལ་མི་ལྟོས་པར་གོ་སྐབས་ཅི་ཞིག་ཐོབ་པར་དམ་འཛིན་གྱིས་རང་ཉིད་ཀྱིས་ངོས་ནས་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ནི་གལ་ཆེའི་རང་བཞིན་ཡིན་པ་བོད་པའི་གཞོན་སྐྱེས་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་ཀྱིས་ངོས་འཛིན་གནང་གི་འདུག འཕྲིན་ལས་ལྷ་མོ་ལགས་ནི་སྒྱུ་རྩལ་གྱི་ངོ་བོ་འདྲ་མིན་ནང་ཕྱག་ལས་གནང་མྱོང་མཁན་སྣ་མང་སྒྱུ་རྩལ་བ་ཆེས་ཉུང་ཤས་ཡོད་པའི་ཁོངས་ནས་གཅིག་ཡིན་པ་རེད། དམིགས་བསལ་བཅར་འདྲིའི་ལས་རིམ་འདིའི་ནང་། འཕྲིན་ལས་ལྷ་མོ་ལགས་ཀྱིས་སྒྱུ་རྩལ་གྱི་ངོ་བོ་འདྲ་མིན་ནང་འཛུལ་ཞུགས་གནང་སྟངས་དང་། བརྒྱུད་རིམ་དེའི་ནང་གི་མྱོང་བ་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རྡོ་རྗེ་འགྲམ་རྡུལ།
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག