བོད་རིགས་ན་གཞོན་ཚོང་གཉེར་བ།

རྒྱ་གར་ལྷོ་ཕྱོགས་ Bylakuppe བོད་མིའི་གཞིས་ཆགས་ནང་གནས་བཞུགས་བོད་པའི་ན་གཞོན་ཉི་མ་གྲགས་པ་ལགས།
རྒྱ་གར་ལྷོ་ཕྱོགས་ Bylakuppe བོད་མིའི་གཞིས་ཆགས་ནང་གནས་བཞུགས་བོད་པའི་ན་གཞོན་ཉི་མ་གྲགས་པ་ལགས། (ཉི་མ་གྲགས་པ་ལགས།)

0:00 / 0:00
unnamed.jpg
རྒྱ་གར་ལྷོ་ཕྱོགས་ Bylakuppe བོད་མིའི་གཞིས་ཆགས་ནང་གནས་བཞུགས་བོད་པའི་ན་གཞོན་ཉི་མ་གྲགས་པ་ལགས་ཀྱིས་རྒྱ་གར་ནང་འཛོམས་དཔལ་ཆུ་གསོག་ས་ཞིང་འདེབས་ལས་ཀྱི་ཁེ་ལས་ཁང་།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མིའི་ཁེ་ལས་པ་ཞིག་ལ་མཚོན་ན། ཁེ་ལས་གསར་པ་ཞིག་འགོ་འཛུགས་བྱ་རྒྱུ་ནི་དཀའ་ངལ་ཆེན་པོ་ཞིག་ཡིན་ན་ཡང་། བོད་རིགས་ན་གཞོན་མང་པོ་ཞིག་གིས་རང་ཉིད་ཀྱི་དམིགས་ཡུལ་བརྟན་པོར་བཟུང་བའི་སྒོ་ནས་གཉེར་བཞིན་ཡོད་པ་རེད། རྒྱ་གར་ལྷོ་ཕྱོགས་ Bylakuppe བོད་མིའི་གཞིས་ཆགས་ནང་གནས་བཞུགས་བོད་པའི་ན་གཞོན་ཉི་མ་གྲགས་པ་ལགས་ཀྱིས་རྒྱ་གར་ནང་ Zomphel Hydroponic Farming ཞེས་པའི་འཛོམས་དཔལ་ཆུ་གསོག་ས་ཞིང་འདེབས་ལས་ཀྱི་ཁེ་ལས་ཁང་ཞིག་དང་།

online.jpg
རྒྱ་གར་ལྷོ་ཕྱོགས་ Bylakuppe བོད་མིའི་གཞིས་ཆགས་ནང་གནས་བཞུགས་བོད་པའི་ན་གཞོན་ཉི་མ་གྲགས་པ་ལགས་ཀྱི་དྲྭ་ཐོག་ཚོང་ཁང་།

ཉི་མོ་ཞེས་པའི་དྲྭ་ཐོག་གྱོན་ཆས་ཚོང་ལས་ཁང་། འཛོམས་དཔལ་དྲྭ་ཐོག་ཚོང་ལས་ཁང་བཅས་གཉེར་བཞིན་ཡོད་པ་རེད། ཁོང་གིས་དེང་སང་དྲྭ་རྒྱའི་ཐོག་ནས་ཉོ་ཆ་རྒྱག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཁོང་གིས་དྲྭ་ཐོག་ཚོང་ཁང་དེས་རྒྱ་གར་གྱི་ཕྱི་ནང་གཉིས་ཀར་ཡོད་པའི་བོད་མི་ཚོའི་དབར་ལ་འབྲེལ་འཐུད་ལྟ་བུ་ཞིག་ཀྱང་རེད་ཅེས་གསུངས་ཀྱི་འདུག

ཐེངས་འདིའི་ལེ་ཚན་ནང་ཉི་མ་གྲགས་པ་ལགས་སུ་ཁོང་གི་འཛོམས་དཔལ་་ཁེ་གཉེར་ལས་ཁང་དང་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག