རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ལྔའི་སྨན་ཁང་གི་འབྲེལ་ཡོད་ལས་བྱེད་ཚོར་ནད་གཞི་ངོས་འཛིན་དང་ཛ་དྲག་སྨན་བཅོས་བྱེད་ཕྱོགས་ཐད་སྦྱོང་བརྡར་ལེགས་གྲུབ་བྱུང་བ།
2023.08.03

བོད་དང་རྒྱལ་སྤྱིའི་གནས་བབ་ཅེས་པའི་ལེ་ཚན་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྨན་ཞབས་ཚོགས་པ་ཟུང་སྦྲེལ་གནང་སྟེ། རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ལྔའི་སྨན་ཁང་གི་འབྲེལ་ཡོད་ལས་བྱེད་ཚོར་ནད་གཞི་ངོས་འཛིན་དང་ཛ་དྲག་སྨན་བཅོས་བྱེད་ཕྱོགས་སོགས་དུས་ཡུན་ཟླ་བ་གཅིག་གི་སྦྱོང་བརྡར་ལེགས་བསྒྲུབ་བྱུང་བའི་སྐོར། ཐེངས་འདིའི་སྦྱོང་བརྡར་གནང་མཁན་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྨན་ཞབས་ཚོགས་པའི་འཐུས་མི་སྨན་ཞབས་པ་དངོས་གྲུབ་ཕུན་ཚོགས་ལགས་དང་ལྷན་བསྟན་འཛིན་བདེ་སྐྱིད་ལགས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག