བོད་ཀྱི་ལོ་ཐོས་བོད་མིའི་འཚོ་བའི་ཁྲོད་བྱེད་ལས་གལ་ཆེན་ཞིག་བྱེད་ཀྱི་ཡོད་པའི་སྐོར།
2024.02.08

བོད་ཀྱི་རིག་གཞུང་འཕེལ་རིམ་ཁྲོད་ཞིང་པ་དང་འབྲོག་པ་ཚོས་ལོ་རེའི་ས་ཞིང་འདེབས་ལས་དང་སྒོ་ཕྱུགས་གནས་སྤོ་བྱེད་པ། དེ་བཞིན་གང་ཟག་མི་སྒེར་གྱི་བདེ་ཐབས་ཆེད་ཚེ་རབས་ལས་རྩིས་སྐོར་བ། རླུང་དར་འཛུགས་པ། ཁང་པ་སྤོ་བ་སོགས་ཀྱི་ཆེད་བོད་ཀྱི་ལོ་ཐོས་བོད་མིའི་འཚོ་བའི་ནང་བྱེད་ལས་གལ་ཆེན་ཞིག་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་ལེ་ཚན་ནང་རྡ་ས་དབུས་འགྲོ་ཕན་སྨན་རྩིས་ཁང་གི་རྩིས་རམས་པ་བསྟན་འཛིན་སྙན་གྲགས་སུ་ལོ་ཐོ་འདི་བོད་དུ་ག་དུས་ནས་དར་འགོ་ཚུགས་པ་དང་། ལོ་ཐོའི་ནང་ཚེས་གྲངས་ཆད་ལྷག་སོགས་ཀྱི་རྩིས་རྒྱག་ཚུལ་གང་འདྲ་ཡིན་མིན། ལོ་ཐོ་དེ་བལྟ་སྟངས་ཤེས་པ་ཡིན་ན་ཁེ་ཕན་གང་ཡོད་མེད་སོགས་་ཀྱི་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག།
དྲྭ་ཐོག་སྤེལ་མཁན། རྟམ་མགྲིན་དབང་ཕྱུག