སངས་རྒྱས་སྐྱབས་ལགས་ཀྱིས་རྩོམ་ཡིག་གཅེས་བསྡུས་ཀྱི་དེབ་དུར་ཁྲོད།

རྒྱ་བོད་དམངས་ཁྲོད་བསམ་བློ་བརྗེ་རེས་གཟེངས་རྟགས་ཐེངས་དགུ་པ་དེ་གནང་ཡོད་པ།
རྒྱ་བོད་དམངས་ཁྲོད་བསམ་བློ་བརྗེ་རེས་གཟེངས་རྟགས་ཐེངས་དགུ་པ་དེ་གནང་ཡོད་པ། (སངས་རྒྱ་སྐྱབས།)

0:00 / 0:00

༄༅།།ཨོ་སི་ཊི་རེ་ལིས་ཡར་ཡོད་པའི་རྒྱ་བོད་དམངས་ཁྲོད་བསམ་བློ་བརྗེ་རེས་འཕེལ་རྒྱས་ཚོགས་པས་ ༢༠༢༡ ལོར་བོད་མི་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ཀྱིས་རྩོམ་ཡིག་གཅེས་བསྡུས་ཀྱི་དེབ་དུར་ཁྲོད་ཞེས་པར་རྒྱ་བོད་དམངས་ཁྲོད་བསམ་བློ་བརྗེ་རེས་གཟེངས་རྟགས་ཐེངས་དགུ་པ་དེ་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་དེབ་དེའི་ནང་དོན་དང་བྱ་དགའ་འདིའི་གལ་གནད་བཅས་ཀྱི་སྐོར་གླེང་མོལ་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག