རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་མི་དཀའ་ངལ་འཕྲད་བཞིན་པར་རོགས་སྐྱོར།
2020.03.26

༄༅།།གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་།ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་རྐྱེན་པས་རྒྱ་གར་རྒྱལ་ཡོངས་ནང་འགྲོ་འོང་བཀག་སྡོམ་བྱས་པར་བརྟེན་སྦེང་ལོར་གྲོང་ཁྱེར་ཁུལ་དུ་འགྲོ་འོང་ཐོག་དཀའ་ངལ་འཕྲད་ནས་མགྲོན་ཁང་ནང་བཞུགས་མཁན་བོད་མི་སུ་འདྲ་ཞིག་ཡིན་ནའང་དེ་ཁུལ་ཧི་མ་ལ་ཡའི་མགྲོན་ཁང་གི་བདག་པོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་རིན་མེད་ཐོག་བཞུགས་ཡུལ་མགྲོན་ཁང་དང་ཞལ་ལག་མཁོ་སྤྲོད་གནང་བཞིན་ཡོད་པའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་དེ་གསན་རོགས་གནང་།།
གསར་འགོད་པ་དབྱངས་སྒྲོལ།