ཧི་མ་ལ་ཡ་རྒན་རབས་ལས་འཆར་ཚོགས་པའི་ངོ་སྤྲོད།
2021.05.08

ཧི་མ་ལ་ཡ་རྒན་རབས་ལས་འཆར་ཚོགས་པ་གསར་དུ་དབུ་བརྙེས་ནས་ད་ཆ་ལོ་ ༡༠ ལྷག་སོང་ཞིང་། ལས་འཆར་འདིའི་འོག་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་ཧི་མ་ལ་ཡའི་རྒན་རབས་མི་མང་ལ་ཆོས་ཕྱོགས་ཀྱི་འདུ་འཛོམས་དང་། ཤེས་ཡོན་སློབ་གསོའི་ལས་རིམ་སོགས་སྣ་ཚོགས་གོ་སྒྲིག་གནང་དང་གནང་མུས་ཡིན་ཞིང་། ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་ཀྱི་དུས་རབས་འདིར་ཛ་དྲག་སྨན་བཅོས་རོགས་སྐྱོར་དང་ཞབས་ཞུ། སྤྱི་ཡོངས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད། དྲ་ཐོག་ནས་འདུ་འཛོམས་ཀྱི་རྣམ་པ་འདྲ་མིན་གྱི་ལས་རིམ་གོ་སྒྲིག་ཞུས་ཏེ་རྒན་རབས་པ་ཚོར་ཞབས་ཞུ་སྒྲུབ་ཀྱི་ཡོད་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་ལས་འཆར་འདི་ཐོག་མར་གསར་འཛུགས་གནང་མཁན་ལྕགས་རི་ཤར་ཐུབ་བསྟན་ལགས་དང་ལྷན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག