རྒྱལ་བ་ཀརྨ་པ་མཆོག་གི་སྐུའི་འཁྲུངས་ལ་སྲུང་བརྩི་ཞུས་པ།


2020.06.29
རྒྱལ་བ་ཀརྨ་པ་མཆོག་གི་སྐུའི་འཁྲུངས་ལ་སྲུང་བརྩི་ཞུས་པ། ༧དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧ ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་༣༥་ཕེབས་པའི་སྐུའི་འཁྲུངས་སྐར་ནིའུ་ཡོག་ཏུ་སྲུང་བརྩི་ཞུས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་ཡོད།
བུདྷིསཊ་ཌོར།

༄༅།།ཕྱི་ཟླ་༦་པའི་ཚེས་༢༨ དེ་རེས་གཟའ་ཉི་མའི་ཉིན་ཀརྨ་པ་སྲི་ཞུ་ཚོགས་པས་གོ་སྒྲིག་བྱས་ཏེ་ནིའུ་ཡོག་གི་ཁྱུན་སི་ས་གནས་སུ་ཡོད་པའི་ཤར་པ་དགོན་པའི་ནང་དུ་༧དཔལ་རྒྱལ་བ་ཀརྨ་སྐུ་ཕྲེང་༡༧ ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་༣༥ ཕེབས་པའི་སྐུའི་འཁྲུངས་སྐར་བརྩི་སྲུང་བྱས་སོང་། འཁྲུངས་སྐར་གྱི་མཛད་སྒོའི་ཐོག་མར་སྐུ་པར་གདན་འདྲེན་ཞུས་ཤིང་དགེ་འདུན་པ་རྣམས་ཀྱིས་ཞབས་བརྟན་གསོལ་འདེབས་གསུངས་ཤིང་། ཀརྨ་པ་སྲི་ཞུ་ཚོགས་པའི་རྒྱུན་ལས་འཕྲིན་ལས་ལགས་ཀྱིས་འཁྲུངས་སྐར་འདི་གོ་སྒྲིག་ཞུ་ཕྱོགས་སྐོར་གསུངས་པའི་ནང་། ནིའུ་ཡོག་ཏུ་ཕྱི་ལོ་༢༠༡༡་ནས་བཟུང་བོད་དང་ཧི་མ་ལ་ཡའི་མི་མང་པོ་འདུ་འཛོམས་བྱས་ནས་འཁྲུངས་སྐར་ཟབ་རྒྱས་བཏང་ཡོད་ཀྱང་། ད་ལོར་ནིའུ་ཡོག་ཏུ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་མི་མང་པོ་འདུ་འཛོམས་བྱས་འཁྲུངས་སྐར་གཏོང་རྒྱུ་ཁག་པོ་ཡིན་པས། འཁྲུངས་སྐར་སྟབས་བདེ་ཞིག་གོ་སྒྲིག་བྱེད་རྒྱུའི་ཐག་གཅོད་བྱས་ཏེ། མཛད་སྒོའི་ཐོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། ཤར་པ་ཚོགས་པ་དང་། འབྲུག་པ་ཚོགས་པའི་ཚོགས་གཙོ་སོགས་ས་གནས་ཀྱི་ཚོགས་སྐྱིད་ཁག་གི་སྐུ་ཚབ་གདན་འདྲེན་ཞུས་ནས་མི་མང་གི་ཚབ་མཚོན་བྱས་ནས་འཁྲུངས་སྐར་འདི་གོ་སྒྲིག་ཞུས་ཡོད་པའི་སྐོར་བརྗོད་གནང་བ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་ཇོ་ལེབ་ཆོས་འཕེལ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།།

གསར་འགོད་པ་ཇོ་ལེབ་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎